阿里地区农业农村局关于公开农村集体“三资”管理突出问题线索举报渠道的公告
为持续深化农村集体“三资”管理突出问题整治,畅通群众监督举报渠道,切实维护集体经济组织合法权益,现将有关事项公告如下:
一、举报受理内容及范围
(一)集体财务管理:侵占、挪用、截留、虚报套取集体资金,私设“小金库”、公款私存、虚假列支、违规发补贴,白条
入账、支出不规范,资金使用不公开、收益分配违规等。
(二) 经济合同管理:违背合同法的超长期合同,超低价合
同,未签订书面合同,未及时收到价款的合同,合同未经民主程序,履约监管缺位,存在“人情包”“权力包”等违规发包租赁劳务用工等问题。
(四)工程项目与资金出借:工程招投标暗箱操作、围标串标、套取资金;未经民主程序违规出借集体资金、利息偏低、本
息逾期未收回。
(五)劳务用工管理:用工未履行民主程序,虚报人员天数、
套取克扣劳务报酬,用工台账混乱、结算不规范。
二、举报方式:
举报电话及受理时间:0897-2822024
(工作日10:30-13:00、16:00-18:30)
邮寄地址:噶尔县迎宾大道27号(地区农业农村局农村集体“三资”管理突出问题整治工作专班)
电子邮箱: bwm233333@163.com
举报受理期限:公告之日起至2026年至11月30日
三、相关要求
举报人需遵守法律法规,实事求是反映问题,不得捏造诬告。提倡实名举报,我们将依法严格保护举报人个人信息及合法权益。
阿里地区农业农村局
2026年3月30日
མངའ་རིས་ས་ཁུལ་ཞིང་ལས་དང་གྲོང་གསེབ་ཅུད་ཀྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་གྱི“མ་རྩ་་གསུམ”དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཁུངས་སྣེ་ཐེར་འདོན་གྱི་ཐབས་ལམ་ཡོངས་བསྒྲགས་བྱ་རྒྱུའི་
སྐོར་གྱི་སྤྱི་བསྒྲགས།
གྲོང་གསེབ་ཀྱི་ཐུན་མོང་གི་“མ་རྩ་་གསུམ་”དོ་དམ་ཐད་ཀྱི་གནད་དོན་མངོན་གསལ་ཅན་མུ་མཐུད་བཅོས་སྐྱོང་ཟབ་སྤེལ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ཐེར་འདོན་བྱེད་ལམ་བདེ་བགྲོད་ཡོང་བ། ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བཅས་བྱེད་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག ། ཐེར་འདོན་བདག་སྤྲོད་ཀྱི་ནང་དོན་དང་ཁྱབ་ཁོངས།
(གཅིག)ཐུན་མོང་གི་ནོར་དོན་དོ་དམ་སྐོར། ཐུན་མོང་གི་མ་དངུལ་ཧམ་བཟུང་དང་། སྒེར་སྤྱོད། བཀག་ཉར། རྫུན་ཞུ་བཅས་དང་། སྒེར་གྱིས་“དངུལ་མཛོད་ཆུང་བ་”བཟོ་བ་དང་། གཞུང་དངུལ་སྒེར་ཉར། གཏོང་སྤྲོད་རྫུན་མ་བྱེད་པ། སྒྲིག་འགལ་གྱིས་ཁ་གསབ་སྤྲོད་པ། རྩིས་ཤོག་ཚད་ལྡན་མེད་པར་རྩིས་ཁྲར་འཇུག་པ། གཏོང་སྒོ་ཚད་ལྡན་མིན་པ། མ་དངུལ་བེད་སྤྱོད་ཡོངས་བསྒྲགས་མི་བྱེད་པ། ཁེ་སྤོགས་བགོ་བཤའ་རྒྱག་སྐབས་སྒྲིག་འགལ་བྱེད་པ་སོགས་ཡིན།
(གཉིས། )དཔལ་འབྱོར་གན་རྒྱའི་དོ་དམ་སྐོར། གན་རྒྱའི་སྐོར་གྱི་བཅའ་ཁྲིམས་དང་འགལ་བའི་དུས་ཡུན་ཧ་ཅང་རིང་བའི་གན་རྒྱ་རྣམས་དང། རིན་གོང་ཤིན་ཏུ་དམའ་བའི་གན་རྒྱ། ཡིག་ཐོག་གི་གན་རྒྱ་མ་བཞག་པ། རིན་དངུལ་དུས་ཐོག་ཏུ་མ་འབྱོར་བའི་གན་རྒྱ། གན་རྒྱར་དམངས་གཙོའི་གོ་རིམ་མ་བརྒྱུད་པ། ཆོད་དོན་ལ་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་ལུས་པ། “མི་ངོ་་”དང་“དབང་ཆ”ལ་བལྟས་ནས་སྒྲིག་སྲོལ་ལས་འགལ་ཏེ་བོགས་མར་གཏོང་ལེན་དང་ལས་མི་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ཡིན།
(གསུམ།)ཐུན་མོང་གི་བུ་ལོན་དོ་དམ་ཚོད་འཛིན་སྐོར། སྒྲིག་སྲོལ་ལས་འགལ་ཏེ་རྨོངས་ཚོད་ཀྱིས་བུ་ལོན་ལེན་པ་དང་། བུ་ལོན་རྫུན་འགོད་བྱེད་པ། སྒྲིག་སྲོལ་ལས་འགལ་ཏེ་ཁག་ཐེག་བྱེད་པ། སྐྱེད་ཆེའི་བུ་ལོན་གཏོང་ལེན་བྱེད་པ། བུ་ལོན་དོ་དམ་ཟང་ཟིང་བཟོ་བ། བུ་ལོན་ལ་བརྟེན་ནས་ཐུན་མོང་གི་མ་དངུལ་ཧམ་བཟུང་བྱེད་པ་སོགས་ཡིན།
(བཞི། )ལས་གྲྭའི་རྣམ་གྲངས་དང་མ་དངུལ་གཞན་ལ་གཡར་བ་སྟེ། ལས་གྲྭའི་སྒྲུབ་འགན་སྤྲོད་ལེན་གྱི་སྦུག་མཐུན་གཡོ་སྦྱོར་དང་། རྒྱུད་འབྲེལ་མཚོན་རྟགས། མ་དངུལ་གཡོ་ལེན་བཅས་དང་། དམངས་གཙོའི་གོ་རིམ་མ་བརྒྱུད་པར་སྒྲིག་སྲོལ་ལས་འགལ་ཏེ་ཐུན་མོང་གི་མ་དངུལ་དང་། སྐྱེད་ཀ་དམའ་དྲགས་པ་དང་། སྐྱེད་ཀ་དུས་ལས་ཡོལ་ནའང་ཕྱིར་མ་བླངས་པ་སོགས་ཡིན།
(ལྔ། )ལས་མི་བཀོལ་ཚུལ་ལ་དོ་དམ་བྱ་རྒྱུ་སྟེ། ལས་མི་བཀོལ་སྐབས་དམངས་གཙོའི་གོ་རིམ་ལག་བསྟར་བྱས་མེད་པ་དང་། ཉིན་གྲངས་རྫུན་ཞུ་བྱེད་པ། ངལ་ལས་ཀྱི་གླ་ཆ་ཆ་ཚང་ལེན་པ་དང་འཕྲི་འཐེན་བྱས་ཏེ། ལས་མི་བཀོལ་བའི་རྩིས་ཁྲ་ཟང་ཟིང་ཆེ་བ་དང་། བསྡོམས་རྩིས་རྒྱག་པ་ཚད་ལྡན་མིན་པ་བཅསོ། །
གཉིས། ཐེར་འདོན་གོང་ཞུ་བྱེད་ཐབས།
ཐེར་འདོན་གོང་ཞུའི་ཁ་པར། 0897-2822024 ལས་ཞག་ཆུ་ཚོད་10:30—13:00དང་། 16—18:30
སྦྲག་བསྐུར་ས་གནས། སྒར་རྫོང་མགྲོན་བསུའི་ལམ་ཆེན་སྒོ་རྟགས27པ(ས་ཁུལ་ཞིང་ལས་གྲོང་གསེབ་ཅུད་ཀྱི་གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་་གསུམ”དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཆེད་ཚན)།
གློག་རྡུལ་སྦྲག་སྒམ། bwm233333@163.com
ཐེར་འདོན་བདག་སྤྲོད་བྱེད་པའི་དུས་ཚད། སྤྱི་བསྒྲགས་བྱས་ཉིན་ནས་2026ལོའི་ཟླ་11ཚེས་30ཉིན་གྱི་བར།
གསུམ། འབྲེལ་ཡོད་བླང་བྱ།
ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་དང་། དངོས་ཐོག་བདེན་འཚོལ་གྱིས་གནད་དོན་ཡར་ཞུ་བྱེད་དགོས་པ་ལས། སྙོན་འཛུགས་ཞུ་གཏུག་བྱས་མི་ཆོག རང་མིང་ངོ་མ་བཀོད་ནས་ཐེར་འདོན་བྱ་རྒྱུ་དར་སྤེལ་བཏང་སྟེ། ང་ཚོས་ཐེར་འདོན་གོང་ཞུ་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་དང་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་ནན་པོ་བྱེད་དགོས།
མངའ་རིས་ས་ཁུལ་ཞིང་ལས་དང་གྲོང་གསེབ་ཅུད
སྤྱི་ལོ་2026ལོའི་ཟླ་བ་3པའི་ཚེས་30ཉིན་
